Recent Posts by Khenpo Karten Rinpoche and the MDC Volunteers
See more blog posts at http://www.khenpokarten.org/
The Power of Regret
The four powers (of purification) are: 1) The power of the basis 2) the power of remedial action 3) the power of regret 4) the power of not reverting to faulty conduct Third is the
Portland བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅོ་བརྒྱད་པ་ལེགས་གྲུབ་བྱུང་བ།
Rinpoche has written about the 18th Annual Amitabha Dechen Shingdrup. No English translation yet (we hope soon!) See the original blog: Portland བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅོ་བརྒྱད་པ་ལེགས་གྲུབ་བྱུང་བ། ཉེ་ཆར་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་མོ་༢༠༢༥་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་བཅོ་བརྒྱད་པ་དེ་འཚོགས་ལ་ཨ་རིའི་ནུབ་བྱང་མངའ་སྡེ་པོར་ལེན་ཌི་ལ་སོང་། རིང་ནས་འདྲིས་པའི་དམ་གཙང་ཆོས་གྲོགས་མི་ཉུང་བ་ཞིག་ནས་ལག་ཁ་བཏགས། སེམས་དད་གུས། ཞལ་འཛུམ་མདངས་ཀྱིས་ཁེངས་ནས་གནམ་ཐང་དུ་བསུ་མ་ལ་ཕེབས་འདུག ཆོས་གྲོགས་རྣམས་ལ་ཕན་ཚུན་བདེ་གནས་ཀྱི་ཁམས་འདྲི་དང་སྦྲག་ང་ནི་ནམ་རྒྱུན་ལྟར་ཆོས་གྲོགས་ཤེས་རབ་ལགས་ཀྱི་རླངས་འཁོར་དུ་ཞུགས་ནས་ཁོང་གི་ནང་དུ་སོང་། ཕྱི་ཉིན་སྔ་དྲོ་ངལ་གསོ་བྱས་ཤིང་ཉིན་གུང་ཐག་ཉེར་ཡོད་པའི་ཆོས་གྲོགས་ངག་དབང་མདའ་གཞི་ཚང་ནང་མི་ནས་མགྲོན་འབོད་བྱས་པ་ལྟར་ནང་དུ་སོང་བས་ཉིན་ཟས་གྲ་རྒྱས་པོ་ཞིག་གྲ་སྒྲིག་གནང་འདུག་པས་ར་མ་ཚྭ་ཆུ་དང་འཕྲད་པ་ལྟར་འགྲང་ཚད་ཟོས། ཕྱི་ཉིན་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་ནུབ་བྱང་བོད་རིགས་ཚོགས་པའི་འཚོགས་ཁང་དུ་སོང་བས་ཆོས་གྲོགས་མང་པོ་ཞིག་ནས་སང་ཉིན་གྱི་བདེ་ཆེན་ཞིང་སྒྲུབ་ཆེད་དུ་གྲ་སྒྲིག་ཟིང་ཟིང་ལོང་ལོང་བྱེད་བཞིན་འདུག ངས་ཀྱང་བདེ་ཆེན་ཞིང་སྒྲུབ་གཙོ་གཏོར་གསུམ་དང་། ཞིང་སྐྱོང་ཡབ་ཡུམ། ཆད་བརྟན་གཉིས་བཅས་གཏོར་མ་མདོར་བསྡུས་ཤིག་བཅས། མི་མང་ལག་ཏུ་གཡང་ཡོད་གསུངས་པ་ལྟར་དུས་ཡུན་ཐུང་ངུའི་ནང་མཆོད་པ་བཤམས་བཀོད་སོགས་ཚེགས་མེད་ངང་ལེགས་པར་གྲུབ། ཉིན་རྒྱབ་གནས་ཚང་ཆོས་གྲོགས་ཤེས་རབ་ལགས་ཀྱི་ནང་དུ་སོང་ནས་ཁ་བརྡ་རོལ་བཞིན་ལྷོད་ལྷོད་ངང་བསྡད།
The Power of Remedial Action
The four powers (of purification) are: 1) The power of the basis 2) the power of remedial action 3) the power of regret 4) the power of not reverting to faulty conduct Second, as for
Reflections on the 18th Annual Amitabha Dechen Shingdrup, Portland, OR and Trout Lake, WA
ཉིས་སྟོང་ཉེར་ལྔ་ཕྱི་ཟླ་ ༨/སྤྱི་ཚེས་༢༤/༢༥/༢༦/ བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་བཅོ་བརྒྱད་པའམ་ལོ་འཁོར་བཅོ་བརྒྱད་པ་དེ་Portland ལ་འཚོགས་ལ་སོང་། ཕྱི་ཟླ་བརྒྱད་པའི་ཚེས་པ་ཉེར་བཞི་ཉེར་ལྔ་ཉེར་དྲུག་གསུམ་ལ་པོར་ལེན་ནུབ་བྱང་བོད་རིགས་ཚོགས་པས་གོ་སྒྲིག་འོག་བོད་ཁང་དུ་འཚོགས། སྔ་ལོའི་ཆོས་ཁྲིད་ཀུན་བཟང་བླ་མའི་ཞལ་ལུང་ལེགས་པར་གྲུབ་པ་མ་ཟད་འདི་ལོའི་དམིགས་བསལ་ཆོས་ཁྲིད་ལ་གནམ་ཆོས་འཕོ་བའི་ཁྲིད་སྦྱངས་སོགས་ཀྱང་བྱས། ངོས་ཀྱི་ཕྱི་རྒྱལ་བའི་སློབ་མ་འགའ་ཡང་མཉམ་ཞུགས་གནང་། ཉིན་ཐ་མ་གསུམ་ལ་ངོས་ཀྱི་བརྩེ་བའི་ཆོས་གྲོགས་བླ་མ་ཀོ་ཟེན་ལགས་ཀྱི་དགོན་པ Mount Adams Buddhist Temple ལ་སོང་ནས་འཕོ་བའི་ཁྲིད་སྦྱངས་དང་མདོར་ན་བདུན་སྔ་ཕྱི་གཉིས་བསྡོམས་པས་ཉིན་དྲུག་རིང་བདེ་ཆེན་ཞིང་སྒྲུབ་དང་ཚོགས་འཁོར་ཆོས་བཤད་སོགས་ལེགས་གྲུབ་བྱུང་། ང་ནི་བོད་རིགས་ཤིག་ཡིན་པའི་ཆ་ནས་མི་རིགས་འདི་རྣམས་ལ་ཆོས་ཀྱིས་ཕན་ཐོག་ཕྲན་བུ་རེ་བྱུང་ན་དེ་བས་འཚེངས། ལར་ནས་ཁོ་བོའི་རིགས་ཀྱི་བདག་པོ་སྐྱབས་མགོན་རྒྱལ་བའི་དབང་པོའི་ཉིས་སྟོང་ལྔ་ལོར་གུས་པའི་ཕྲག་པར་ཕྱག་གིས་བཅག་བཅག་གནང་བཞིན། “མ་འོངས་པར་ཁྱོད་རང་གིས་བོད་པ་ལ་རོགས་པ་བྱས་ན་ཡག་པོ་འདུག”ཅེས་བསླུ་མེད་རྡོ་རྗེའི་བཀའ་ལུང་ཟབ་མོ་སྤྱི་བོར་སྩལ་སོན་བྱུང་བས་དེ་ནས་བཟུང་སྟེ་བོད་རིགས་རྣམས་ལ་རང་ནུས་གང་ལྕོགས་རོགས་རམ་བྱས། མ་ཟད་ཚེ་ལྷག་ངོས་ཀྱང་ས་གནས་འདིར་གནས་སྤོ་བྱེད་ནས་ཆོས་དང་རིགས་གཞུང་སྐད་ཡིག་སོགས་མཉམ་སྤྱོད་བྱེད་ནས་བོད་རིགས་རྣམས་དང་ལྷན་སྐྱིད་སྡུག་མཉམ་མྱོང་བྱེད་འཆར་ཡོད། Tashi Delek! Sunday 8/24 marked the conclusion of the 18th Annual Amitabha Dechen Shingdrup 2025 in Portland. We
The power of the basis
The four powers (of purification) are: 1) The power of the basis 2) the power of remedial action 3) the power of regret 4) the power of not reverting to faulty conduct First, the power
A Brief Explanation of the Four Powers of Purification of Negative Karma
We may unknowingly make a mistake during any activity. After we make a mistake, however, it is extremely important to confess and purify it. No more than a few people will willingly commit bad karma
Arrival and Preparation for 18th Annual Amitabha Retreat in Portland
Rinpoche arrived safely and was greeted warmly by his Tibetan students in Portland, Oregon on Wednesday, August 13, 2025. He was able to rest on Thursday and on Friday prepared tormas and set up for
Hearing sorrowful news about my Elder Brother on International Father’s Day
(Reproduced from the original blog post, found here) I usually leave my phone off when I go to bed at night. On this particular morning, as soon as I woke up, I turned on my







