Recent Posts by Khenpo Karten Rinpoche and the MDC Volunteers
See more blog posts at http://www.khenpokarten.org/
The Power of Prostrations
Rinpoche shared a video which was taken by his good friend Michael Martinez, as Michael wanted to know how a prostration is performed and the meaning behind it. Here's the post from Rinpoche's Facebook page:
Careful and Considerate with Acquaintances
16 གསར་གྲོགས་ཨ་གསར་མ་སྔ། གང་དྲན་ཁ་ནས་མ་བཤད། ད་ལྟའི་ཁྱེད་རང་གི་ཇ་ཚེའི་གྲོགས་པོ་དེ་མ་འོང་པར་ དགྲ་གྲོགས་ཅི་འགྱུར་ཆ་མེད་ཡིན་པས་གཟབ་ཙམ་གནང་དགོས། Don’t be fickle with friends and enter new friendships capriciously. Don’t speak just any thought that comes to you. The person you drink tea with now could become a friend
Khenpo Karten Rinpoche and the Manjushri Dharma Center in the News
Khenpo Karten Rinpoche and the Manjushri Dharma Center were recently featured in the news! Rinpoche was interviewed by the folks at the Monterey County Weekly periodical; interviewers visited the Manjushri Dharma Center and asked Rinpoche
A Kind Heart
15 མི་ཡི་རིན་ཐང་ནི་བསམ་པ་བཟང་པོ་བྱེད་རྒྱུ་དེ་ཡིན། གལ་སྲིད་དེ་མེད་པའི་མི་མཐོ་དམན་སུ་ཡིན་ཀྱང་གཟི་བརྗིད་ཁོག་སྟོང་ཟེར་བ་དེ་ཡིན། བསམ་པ་བཟང་པོ་ནི་ཁྲོམ་ནས་ཉོ་རྒྱུ་མེད་ལ། གཡར་རྒྱུ་ཡང་མེད། དེ་ནི་ཁྱེད་ཀྱིས་སྒྲུབས་དགོས་པའི་ལས་ཀ་རང་ཡིན། Human life is made valuable by being kind hearted. Anyone who lacks this, no matter their status, are said to be empty of radiance. You can’t buy a good
Trust and Happiness
14 སྤྱི་ཚོགས་དང་གཟའ་ཚང་གྲོགས་ཕན་ཚུན་བར་དུ་ཡིད་ཆེས་ནི་ཧ་ཅང་གལ་ཆེན་པོ་ཡིན། ཡིད་ཆེས་ཀྱིས་བརྩེ་བ་དང་། བརྩེ་བས་འཆམ་མཐུན། འཆམ་མཐུན་གྱིས་བདེ་སྐྱིད་སོགས་སྔ་མ་ལ་བརྟེན་ནས་ཕྱི་མ་རིམ་བཞིན་ཡོང་གི་ཡོད། It is very important that there be trust between members of families and societies. With trust, love can arise; when there is love, people are harmonious; and when people are
Best Friends
13 སྐྱིད་པའི་དུས་སུ་ཉིན་འགའ་ཤས་རིང་ཁྱེད་རང་མཉམ་དུ་འཁྱམས་ཉུལ་བྱས་པ་ཙམ་གྱིས་གྲོགས་པོ་ཡིན་པའི་ངེས་པ་མེད། གྲོགས་ཀྱི་མཆོག་ནི་སྐྱིད་སྡུག་མཉམ་ཁུར་བྱེད་ཐུབ་མཁན་ཞིག་དང་། མ་མཐའ་ཡང་སེམས་ཀྱིས་ནམ་ཡང་བློས་མི་གཏོང་བ་ཞིག་དགོས། Just because you have a good time with someone for a few days does not necessarily mean that they will always remain a friend. The best friend is someone who sticks
དམ་པ་གསུམ་གྱི་ཆོས་ཁྲིད་མདོར་བསྡུས།
སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། དེ་རིང་འདིར་བདེ་ཆེན་ཞིང་སྒྲུབ་སྐབས་སུ་དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནས་ཐ་མ་མཇུག་བསྔོ་བའི་བར་བསམ་བློ་གཏོང་ཕྱོགས་སྐོར་ཕལ་སྐད་གོ་བདེའི་ཚུལ་དུ་མདོར་བསྡུས་ཞིག་ཞུ་གི་ཡིན་པས་ཚང་མས་ཡག་པོ་བྱེད་ནས་གསན་རོགས། ཡག་པོ་ཞིག་མ་ཉན་ན་ཡིད་ལ་ངེས་ཐུབ་ཀྱི་མ་རེད། ཡིད་ལ་མ་ངེས་ན་དོན་ཧ་མ་གོ་མ་རེད།དོན་ཧ་མ་གོ་ན་ག་རེ་སྒོམ་དགོས་མིན་ཤེས་ཀྱི་མ་རེད། དེ་ལྟར་ཡིན་ཙང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། རིགས་ཀྱི་བུ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། ཞེས་གསུངས་ཡོད། ལེགས་པར་མ་ཉན་ན་སྣོད་ཀྱི་སྐྱོན་གསུམ་གྱིས་བསླད་ནས་རང་རྒྱུད་ལ་ཆོས་ཀྱིས་ཕན་མི་ཐོག སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན།། ཅེས་གསུངས་པ་ལྟར། ལུས་ཆོས་གྲལ་ལ་བསྡད་ཀྱང་ཆོས་ལ་རྣ་བ་རྩེ་གཅིག་ཏུ་གཏད་ནས་མ་ཉན་ན། སྣོད་ཁ་སྦུབ་ནས་ཐོག་ཏུ་བཅུད་ཇི་ཙམ་བླུགས་ཀྱང་ནང་དུ་མི་ཡོང་བ་ལྟར་ཡིན། ཡང་རྣ་བ་གཏད་ནས་ཉན་ཀྱང་ཡིད་ལ་ཡང་དག་པར་མ་འཛིན་ན་སྣོད་ཞབས་རྡོལ་གྱི་ནང་དུ་བཅུད་ཇི་ཙམ་བླུགས་ཀྱང་ནང་དུ་མི་ཆག་པ་ལྟར་དུ་ཡིན། ཡང་རྣ་བས་གཏད་ཡིད་ལ་འཛིན་ཀྱང་ཀུན་སློང་མ་དག་པའི་དབང་གིས་ཉོན་མོངས་དཔེར་ན་ང་རྒྱལ་དང་འགྲན་སེམས་ཕྲག་དོག་སོགས་ཀྱིས་རང་རྒྱུད་སླད་པ་ཡིན་ན་ཁ་ཟས་བཟང་པོ་ལ་དུག་གིས་སླད་པ་ནང་བཞིན་ཆོས་དེ་ཉིད་ཀྱང་རང་རྒྱུད་འདུལ་བྱེད་ཀྱི་ཉོན་མོངས་ཀྱི་གཉེན་པོ་རུ་མ་སོང་ནས་ཉོན་མོངས་ཀྱི་གྲོགས་སུ་སོང་ན་ཧ་ཅང་ཐབས་སྡུག་རེད། ཆོས་ཟེར་དུས་རང་རྒྱུད་འདུལ་བའི་ཐབས་ལམ་བླ་ན་མེད་པ་ཞིག་ལ་ངོས་འཛིན་བྱེད་དགོས། ཆོས་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་མ་ཐུལ་ནས་དཔེར་ན་ང་རྒྱལ་དང་། འགྲན་སེམས་ཕྲག་དོགས་སོགས་ཇེ་ཆེར་སོང་ན་དྭགས་པོ་རིན་པོ་ཆེས། ཆོས་ཆོས་བཞིན་དུ་མ་སྒྲུབས་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་གསུངས་པ་ལྟར་མི་ཡོངས་བར་གཟབ་ནན་བྱེད་དགོས། གང་ལྟར་ཀྱང་ལུས་ཆོས་གྲལ་ལ་བསྡད་ཀྱང་སེམས་ཚོང་འདུས་ཀྱི་དཔེ་ལྟར་མ་སོང་བར་ལུས་ཆོས་གྲལ་དུ་ཡོད་པ། སེམས་ལུས་ནང་དུ་ཡོད་པ། སེམས་དེ་ཉིད་ཀྱང་ཉོན་མོངས་གཞན་དབང་དུ་མ་སོང་བར་རི་དྭགས་ཀྱིས་པི་ཝང་གི་སྒྲ་ལ་ཉན་པ་ལྟར་རྩེ་གཅིག་ཏུ་ཉན་དགོས། ཉན་པའི་སྐབས་སུ་ཡང་ཉན་ཚུལ་དེ་ཉིད་ཀྱང་སྟོན་པ་བཞིའི་གོ་རིམ་མ་ནོར་བར་བྱེད་ནས་ཉན་དགོས། གང་ཟག་ལ་མི་སྟོན་ཆོས་ལ་སྟོན། ཚིག་ལ་མི་སྟོན་དོན་ལ་སྟོན། དྲང་དོན་ལ་མི་སྟོན་ངེས་དོན་ལ་སྟོན། རྣམ་ཤེས་ལ་མི་སྟོན་ཡེ་ཤེས་ལ་སྟོན།། ཅེས་ཆོས་བཤད་མཁན་གྱི་བླ་མ་དང་སོ་སྐྱེ་རབ་བྱུང་དང་སྔགས་པ་གང་ཡིན་ཀྱང་རུང་བཤད་རྒྱུའི་ཆོས་ཉིད་ལ་བསམ་བློ་གཏོང་དགོས། བཤད་རྒྱུའི་ཆོས་དེ་ཉིད་ཀྱང་ཚིག་སྙན་པོ་དང་རང་ལ་འཐད་པོ་རེ་བྱུང་ན་དགའ་བ་སྐྱེ། རང་ཉིད་ཀྱི་སྐྱོན་ཐོག་ཏུ་བྱུང་ན་མི་དགའ་བ་མ་ཡིན་པར་ཚིག་གི་ནང་ནས་བྱུང་བའི་དོན་ལ་བསམ་དགོས། དོན་དེ་ཉིད་ཀྱང་གནས་སྐབས་མངོན་མཐོའི་ཆེད་དུ་གདུལ་བྱ་དྲང་དོན་ལྟར་མ་ཡིན་པར་མཐར་ཐུག་ངེས་ལེགས་སངས་རྒྱས་ཀྱི་གོ་འཕངས་འཐོབ་པའི་རྒྱུ་ངེས་དོན་ལ་བསམ་དགོས།
Cultural Revolution style atrocities in Tibet
In the region of Kham in Tibet, a 99-foot statue of the Buddha, 45 large prayer wheels, and Drakgo Monastery’s Gaden Namgyal Monastic school were razed and demolished by Chinese authorities based on false grounds







