Recent Posts by Khenpo Karten Rinpoche and the MDC Volunteers

See more blog posts at http://www.khenpokarten.org/


Content is the supreme of wealth

November 18th, 2022|

56 དཔལ་འབྱོར་ལོངས་སྤྱོད་སོགས་ག་ཚད་ཡོད་ཀྱང་སེམས་འདི་ལ་ཁེངས་དུས་ཞིག་མེད། དེ་བས་ཆོག་ཤེས་ནི་ནོར་གྱི་མཆོག་ཡིན་པས་གང་བྱུང་དེས་ཆོག་བྱ་དགོས། No matter how much property or wealth we have, the mind is never satisfied. It is better to have contentment, the supreme of wealth. So be content, whatever happens.

Respect diverse viewpoints

October 30th, 2022|

55 མི་ཚང་མ་ཁྱེད་རང་གི་འདོད་ཕྱོགས་དང་མཐུན་དཀའ། ཁྱེད་རང་དང་ལྟ་སྤྱོད་མ་མཐུན་པའི་དབང་གིས་མི་དེ་མ་རབས་ཞིག་ཏུ་སྒྲུབ་མི་ཉན། མི་ལ་ཁམས་དང་མོས་པ་ཐ་དད་ཡོད། It is not likely that everyone will act as we would like. It is not appropriate, however, to disrespect them just because their view or conduct does not accord with our

What’s done is done; move forward!

October 30th, 2022|

54 འདས་པ་རྣམས་ནི་ཚར་བ་རེད། དེ་བས་མ་འོངས་པའི་ལམ་ཁ་འདི་ཁྱེད་རང་གི་སྔུན་ལ་ཡོད། གདེངས་ཚོད་དང་ལྡན་པའི་སྒོ་ནས་མ་འོངས་པར་འདུན་བསྐྱོད་བྱོས། What’s past is done. The path of the future, however, lies before you. Move into the future with confidence in your own capabilities.

ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅོ་ལྔ་པའམ་ལོ་འཁོར་བཅོ་ལྔ་པ།

October 30th, 2022|

གང་ལྟར་ནད་ཡམས་དེས་རྐྱེན་བྱས་ནས་ལོ་གསུམ་རིང་ཆོས་གྲོགས་སློབ་མ་རྣམས་དངོས་སུ་ཞལ་མཇལ་མ་བྱུང་ཡང་། ད་རེས་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྐབས་སུ་དངོས་སུ་མཉམ་འཛོམས་བྱུང་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་ལོངས་སྤྱོད་རྒྱུ་བྱུང་བ་ནི་ང་ཚོ་དགེ་སློབ་ཡོངས་རྫོགས་ཧ་ཅང་དགའ་བོ་བྱུང་། To read more the full blogpost in Tibetan, please check out Rinpoche's blogspot: http://www.khenpokarten.org/2022/10/blog-post.html?spref=fb&fbclid=IwAR2CGCOhlVcON0q6w-tloXcQgY5_CTr8Q8nQ6NpkPz9tlfAbXf37_VDxXv4

Relating to Religion

October 30th, 2022|

53 ཁྱེད་རང་གིས་ཆོས་ཁས་མ་བླངས་ཀྱང་འགྲིག ཡིན་ནའང་ཁྱེད་རང་མ་དགའ་བའི་རྒྱུ་མཚན་གཅིག་པུས་ཆོས་ལུགས་ཡོངས་རྫོགས་ལ་ལྟ་ཚུལ་ཐབས་སྡུག་དེ་ཡག་པོ་མ་རེད། It is okay not to accept religion; that is up to you. It is unfortunate, however, if you discount all spiritual perspectives just because you don’t like religion.

Try to be patient with whatever happens, pleasant or not

October 30th, 2022|

52 གནས་སྐབས་ཙམ་ལ་སྐྱིད་སྡུག་གང་བྱུང་ཡང་གློ་བུར་དུ་ལུས་ངག་གི་རྣམ་འགྱུར་ཕྱི་རུ་སྟོན་སྔ་མ་བྱེད། སང་ཉིན་ག་རེ་ཡོང་གི་ཡོད་སུས་ཀྱང་བཤད་ཚོད་མི་ཐེག སྐྱིད་སྡུག་གང་ཡིན་ཡང་ཁུར་དུ་ཐེག་པ་བྱེད་དགོས། Although suffering temporarily arises, don’t suddenly react with physical and verbal expressions. No one knows what may happen tomorrow. Try to be patient with whatever happens, pleasant or not.

Do not judge a book by its cover

October 30th, 2022|

51 གནས་སྐབས་ཁྱེད་རང་གི་མིག་སྔར་མཛེས་མིན་ཙམ་གྱིས་མ་དགའ་བ་བྱེད་མི་ཉན། བོད་ཀྱི་ཁ་དཔེར། སྟག་གི་རི་མོ་ཕྱི་རུ་ཡོད་ཀྱང་། མི་ཡི་རི་མོ་ནང་དུ་ཡོད་ཅེས་པའི་དཔེ་ལྟར་མི་ཡག་སྡུག་ནི་སེམས་ནང་ནས་དབྱེ་བ་འབྱེད་དགོས། It is not good to dislike someone just because they look unpleasant to you at the moment. As the Tibetan saying goes, ‘You can recognize a tiger by their stripes,

ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅོ་ལྔ་པའམ་ལོ་འཁོར་བཅོ་ལྔ་པ།

October 5th, 2022|

འདས་པའི་ལོ་འགའ་ཡི་རིང་འཛམ་གླིང་སྤྱི་ལ་ཡ་ང་དང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་ཏོག་དབྱིབས་ནད་ཡམས་གསར་རྙིང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སླེབས་ནས་འགྲོ་བ་མི་ལ་དཀའ་ངལ་སྣ་ཚོགས་འཕྲད་པའི་རྐྱེན་གྱིས་གུས་པས་འཚོགས་བཞིན་པའི་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབ་དང་། ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་སོགས་དྲྭ་རྒྱའི་རྒྱུད་ལས་མ་གཏོགས་དངོས་སུ་འཚོགས་མ་ཐུབ་ནས་ལོ་འགའ་སོང་། ད་ལོར་འགྲོ་བ་མི་ལ་ནད་ཡམས་ཀྱིས་ཅུང་གུ་ཡངས་གཏང་བའི་དུས་སྐབས་སུ་ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པས་གྲ་སྒྲིག་ལྟར་སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་ནས་སྔ་ཕྱི་སྡོམ་པས་ཉིན་དྲུག་རིང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས། འདི་ལོའི་བདེ་ཆེན་ཞིང་སྒྲུབ་ལ་གུས་པའི་ཆོས་གྲོགས་འབྲས་སྤུངས་བློ་གསལ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་དཀོན་མཆོག་ལགས་ཀྱང་ཆེད་ཕེབས་གནང་བ་ལ་ངེད་ཞིང་སྒྲུབ་བླ་སློབ་ཡོངས་ལ་ཧ་ཅང་བསྐལ་པ་བཟང་པོར་གྱུར། དགེ་བཤེས་ལགས་ནས་ཀྱང་དམ་པའི་ཆོས་ཀྱི་ཕན་ཡོན་དང་། ཁོང་ཁྲོའི་ཉེས་དམིགས་སོགས་ཀྱི་བཀའ་སློབ་ཡང་གནང་། ཉིན་ཐ་མ་གསུམ་རིང་ང་ཡི་ཆོས་གྲོགས་བླ་མ་ཀོ་ཟེན་གྱི་ཆོས་ཚོགས་སུ་བདེ་ཆེན་ཞིང་སྒྲུབ་བླ་སློབ་ཡོངས་རྫོགས་མཚམས་ལ་སོང་། ད་ལོའི་བདེ་ཆེན་ཞིང་སྒྲུབ་ཁོག་ཏུ་སྔ་ལོར་དབུ་འཛུགས་བྱས་པའི་རྫ་དཔའ་སྤྲུལ་གྱིས་མཛད་པའི་༼ཀུན་བཟང་བླ་མའི་ཞལ་ལུང་། ༽འཕྲོ་དེ་མུ་མཐུད་ནས་ཁྲིད་ལུང་ཚུལ་དུ་བཏོན། ཉིན་གསུམ་པའི་སྐབས་སུ་བླ་མ་ཀོ་ཟེན་ལགས་ནས་ཀྱང་སྙིང་རྗེའི་ཉམས་ལེན་སྐོར་ནུབ་ཕྱོགས་པའི་ལུགས་ལྟར་ཆོས་བཤད་ཀྱང་གནང་། བླ་མ་ཀོ་ཟེན་ལགས་ནི་ཆོས་ལུགས་ཝེར་ནམ་དང་། ཉི་ཧོང་གཉིས་འདྲེས་མ་དེང་དུས་གཟེན་གྱི་ཆོས་ལུགས་ཉམས་ལེན་གནང་མཁན་ཨ་རི་བའི་དགེ་སློང་ཞིག་ཡིན། འོན་ཀྱང་ཁོང་ནི་ཆོས་ལུགས་རིས་མེད་ལ་དོ་སྣང་དང་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས་ངེད་གཉིས་ཀྱི་ལྟ་སྤྱོད་མང་པོ་ཞིག་ནས་མ་བགྲོས་བསམ་པ་གཅིག་མཐུན་ཟེར་བ་དེ་རང་རེད་འདུག། གང་ལྟར་གནས་སྐབས་ཆོས་ལུགས་ཀྱི་མིང་དང་ཐ་སྙད་མི་འདྲ་བ་ཙམ་ལས་དོན་དུ་སྟོན་པ་གཅིག་གི་རྗེས་འབྲངས་ཤ་སྟག་ཡིན་སྟབས་བོད་ཀྱི་ཁ་དཔེར། རི་གཅིག་ལ་འཁོར་བའི་ལུག་ཁྱུ་དང་། ཆུ་གཅིག་ལ་གནས་པའི་ཉ་སྲམ་ཞེས་པའི་དཔེ་ལྟར་ངེད་གཉིས་ནི་ལས་ཀྱི་དབང་གིས་ལོ་མང་རིང་ལྟ་སྤྱོད་མཐུན་པའི་ཆོས་ཀྱི་གྲོགས་པོ་ཞིག་ཏུ་གྱུར།བླ་མ་ཀོ་ཟེན་ལགས་ཀྱི་གཙུག་ལག་ཁང་དང་དགོན་པའི་ཆགས་ཡུལ་དང་ཁོར་ཡུག་ནི། དབེན་ཞིང་ཉམས་དགའ་ལ། ཡིད་དུ་འོང་བ། རི་མགོར་གངས་རི་དང་། རི་སྐེད་དུ་ནགས་ཚལ། དགོན་པའི་ཉེ་འགྲམ་དུ་མཚེའུ་དང་། རྒྱུག་ཆུ་སོགས་ཧ་ཅང་མཛེས་སྡུག་དང་ལྡན་པ་འདུགདེ་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་བསམ་གཏན་ལེའུ་ལས། ནགས་ན་རི་དྭགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་བརྗོད་མི་བྱེད།།འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་གནས་པར་འདོད། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ།།ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡོངས་རྣམས་སུ།།རང་དབང་སྤྱད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར།ཞེས་སོགས་ཇི་ལྟར་གསུངས་པ་ལྟར་དབེན་པའི་གནས་ཀྱི་ཡོན་ཏན་མ་ཚང་མེད་པ་གདའོ།ད་ལོའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ནུབ་ཕྱོགས་པའི་ངོས་ཀྱི་ཆོགས་གྲོགས་འགའ་ཤས་ཀྱང་ཕེབས་འདུག བདེ་ཆེན་ལགས་ནས་ང་ཡི་ཆོས་བཤད་སྙིང་བསྡུས་རྣམས་སྔ་དགོང་བར་གསེང་སྐབས་སུ་སྐད་བསྒྱུར་ཀྱང་གནང་།བདེ་ཆེན་ཞིང་སྒྲུབ་དངོས་གཞིའི་སྐབས་སུ་ཞོགས་པ་སྔ་བོར་ལངས་ནས་གསོ་སྦྱོང་གི་སྡོམ་པ་མཉམ་ལེན་དང་། དམར་ཟས་སྤངས་ཤིང་ཉིན་གུང་གསོལ་ཚིག་གྲུབ་ནས་རྒན་གོག་དང་། ནད་པ་ཡིན་ན་མ་གཏོགས་དགོང་ཟས་ཀྱང་མི་བཟའ། བདུན་གཉིས་ཀྱི་བར་གསེང་ཉིན་གསུམ་རིང་ང་ཡི་གུང་སང་ཡིན་སྟབས་བོད་རིགས་མི་ཚང་རེ་རེ་བཞིན་མགྲོན་འབོད་ལྟར་འགྲོ་ནས་བོད་ཟས་མོག་མོག་དང་།